Ladakh Buddhist Association

Ladakh Buddhist Association

Contact information, map and directions, contact form, opening hours, services, ratings, photos, videos and announcements from Ladakh Buddhist Association, Community Organization, Chowkhang vihara, .

11/06/2024

༢༠༢༤ ཕྱི་ཟླ་༦ ཚེས་༡༡ རྡ་ས་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ། །

04/06/2024

ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༢༠༢༤ ཕྱི་ཟླ་༦ ཚེས་༤ གྱི་སྔ་དྲོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་ན་གཞོན་རྣམས་ལ་གཙོ་བའི་དམིགས་ཏེ་མགོན་པོ་གང་ཉིད་ཀྱི་གསུང་དབུ་མའི་ལྡེ་མིག་གི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ།

03/06/2024

ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༢༠༢༤ ཕྱི་ཟླ་༦ ཚེས་༣ གྱི་སྔ་དྲོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་ན་གཞོན་རྣམས་ལ་གཙོ་བའི་དམིགས་ཏེ་མགོན་པོ་གང་ཉིད་ཀྱི་གསུང་དབུ་མའི་ལྡེ་མིག་གི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ།

18/05/2024

ཇི་ལྟར་ཀ་ལུ་རིན་པོ་ཆེ་ནས་གསོལ་འདེབས་ཞུས་པ་བཞིན། ༢༠༢༤ ཕྱི་ཟླ་ ༥ ཚེས་༡༨ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོའི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། །

10/05/2024

ས་མིག་སྟོང་པའི་གསལ་བསྒྲགས།
༄༅། །ལ་དྭགས་ནང་པའི་ཚོགས་འདུའི་ལས་ཁུངས་ཀྱི་དྲུང་ཡིག་གི་ས་མིག་སྟོང་པ་ཡོད་པས།
ཐུགས་འདོད་ཡོད་མཁན་སུ་ཞིག་ཡོད་ཚེ་གཙུག་ལག་སློབ་ཐོན་པ་ཞིག་ཡིན་དགོས་པ་དང་དབྱིན་ཇི་དང་བྷོ་ཊི་སྐད་ཡིག་གཉིས་ཀ་ཤེས་མཁན་ཞིག་ཡིན་དགོས། བྷོ་ཊི་ TYPING ཤེས་མཁན་ལ་དམིགས་བསལ་འདམ་ག་མཛད་རྒྱུ་ཡིན།
ཐུགས་འདོད་ཡོད་མཁན་སུ་ཞིག་ཡོད་ཚེ་འདི་ག་ལས་ཁུངས་སུ་སྤྱི་ལོ་༢༠༢༤ ཕྱི་ཟླ་༥ ཚེས་༢༨ ཉིན་རང་གི་གལ་ཆེན་ཡིག་ཆ་ཁག་དང་མཉམ་བཅར་འདྲི་ཞིག་ལ་ཕེབས་དགོས་པའི་གསལ་བསྒྲགས་སུ་སྤྱི་ལོ་༢༠༢༤ ཕྱི་ཟླ་༥ ཚེས་༡༠ ཉིན་སྤེལ།
Vacancy notice for office secretary
Applications are invited for the post of an office secretary at the Ladakh Buddhist Association. The applicants must be a graduate who is well versed in both the English and Bhoti language. Special preference will be given to who knows Bhoti typing.
Interested applicants may come for a walk-in interview at the office of LBA Ladakh Nangpay Tsogspa at 11AM on 27th May 2024 along with their essential documents.

20/04/2024
20/04/2024

སོག་པོའི་བླ་མ་དགེ་རྒན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༢༠༢༤ ཕྱི་ཟླ་༤ ཚེས་ ༢༠ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགའ་ལྡན་ལྷ་བརྒྱ་མའི་ཉིན་གཉིས་པའི་བཀའ་ཆོས་བཞུགས་སོ། །

19/04/2024

ཕྱི་ལོ་༢༠༢༤ ཕྱི་ཟླ་༤ཚེས་༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྟོད་པ་དང་པུ་ཧྲེང་མི་མང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་བཞུགས་སོ། །

18/04/2024

དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ།
༢༠༢༤ ཟླ་བ་ ༤ ཚེས་ ༡༩ - ཚེས་ ༢༠
ཉིན་གཉིས་རིང་གི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།
ཐུགས་འདོད་ཡོད་མཁན་ཀུན་གྱི་བཀའ་དབང་གི་དཔེ་ཆ་མཆན་འདི་ནས་གཤམ་དུ་ཕུལ་ཡོད།
ཐུགས་འདོད་ཡོད་མཁན་ཀུན་གྱི་གསུང་ཆོས་དེ་བཞིན་ལ་དྭགས་ནང་ཚོགས་ཀྱི་ངོ་དེབ་ཁ་བྱང་འདི་ཐོག་ལ་དྭགས་ཀྱི་སྐད་ཐོག་ཊག་ཊར་བློ་བཟང་ཚེ་དབང་ལགས་ཀྱིས་གསུང་འགྱུར་གནང་བ་དེ་མཇལ་གནང་ཡོང་བར་ཞུ།
Teaching in Dharamsala, HP, India
April 19 - 20, 2024
His Holiness the Dalai Lama will give teachings on 100 Deities of Tush*ta Heaven (gaden lhagyama) in the mornings at the request of Lamiin Gegeen Teaching Mongol Sunchoi Organizing Committee at the Main Tibetan Temple.

Interested one can download the teaching text via this link.
Tibetan/Bhoti-https://media.dalailama.com/Tibetan/texts/100-dieties-of-tush*ta-TIB.pdf
English -https://media.dalailama.com/English/texts/100-dieties-of-tush*ta-ENG.pdf
Simultaneous translation/interpretation of His Holiness teaching done by Dr Lobzang Tsewang will be live streamed on the page of Ladakh Buddhist Association. https://www.facebook.com/profile.php?id=100067223554816
For further information please see dalailama.com/live

Live | The 14th Dalai Lama The Official Website of The Office of His Holiness the 14th Dalai Lama

03/04/2024

ཕྱི་ལོ་༢༠༢༤ ཕྱི་ཟླ་༤ཚེས་༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྟོད་པ་དང་པུ་ཧྲེང་མི་མང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་བཞུགས་སོ། །

Photos from Ladakh Buddhist Association's post 27/03/2024

གཏམ་བཟང།

༄༅། །དེ་རིང་སྤྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༧ ཉིན་རྡ་རམ་ས་ལར། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ལས་ཚབ་སྐུ་ཞབས་རིག་འཛིན་རྡོ་རྗེ་དང་། ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་འདུ་ཡི་དབུ་སྐྱོང་རྒན་ཚེ་རིང་དབང་འདུ། དེ་བཞིན་ལ་དྭགས་ནང་ཚོགས་བུད་མེད་ཚོགས་པའི་དབུ་སྐྱོང་ཨ་མ་དབྱངས་ཅན་སྒྲོལ་མ། ས་པི་ཡུལ་གྱི་འགོ་བ་དང་འཐུས་མི་སྐུ་ཞབས་བཀྲ་ཤིས་དོན་གྲུབ་དང་སྐུ་ཞབས་ཚེ་དབང་འཕྲིན་ལས་བཅས་ཀྱིས་སྲིད་ཞི་གཙུག་རྒྱན་ ༸ སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་ནས་འདི་ལོ་ལ་དྭགས་སུ་ཞབས་སོར་འཁོད་གནང་ཡོད་པའི་གསོལ་འདེབས་ཞུས་པ་ལྟར་ ༸ མགོན་པོ་གང་ཉིད་མཆོག་གིས་ལ་དྭགས་མི་མང་ཡོངས་ལ་ཐུགས་བརྩེ་བར་དགོངས་ནས་ཞལ་བཞེས་ཟབ་མོ་ཐོབ་ཡོད་པས། ལ་དྭགས་ནང་པའི་མི་རིགས་དང་དད་ལྡན་ཡོངས་སྐལ་ལྡན་ཅན་དུ་གྱུར། བསྐལ་པ་བཟང་། དེ་བཞིན་ ༸ མགོན་པོ་གང་ཉིད་མཆོག་གིས་འདི་ལོ་ལ་དྭགས་སུ་ཞབས་སོར་འཁོད་པའི་མཛད་འཆར་དང་བསྟུན། ལྡུམ་ར། ཟངས་དཀར་བཅས་ལ་ཡང་ཞབས་སོར་འཁོད་རྒྱུའི་ཐུགས་འཕྲོས་ཀྱང་སྩལ་བར་མཛད། ཅེས་གཏམ་བཟང་དུ་ལ་དྭགས་ནང་ཚོགས་ཡིག་ཚང་ནས་གོང་ཚེས་ཉིན་
སྤེལ།།
A delegation of representatives from Ladakh Buddhist Association, All Ladakh Gonpa Association and Sapi village had an audience with His Holiness the Dalai Lama today this morning on 27th March 2024 to extend invitation to visit Ladakh in summer. We express great joy to share this good news to the Buddhist community and people of Ladakh that His Holiness has yet again accepted to visit Ladakh in the summer of 2024.

25/10/2023

༢༠༢༣ ཕྱི་ཟླ་༡༠ ཚེས་༢༥ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་དགེ་སློབ་དང་སློབ་ཟུར། སེར་བྱེས་ཧར་གདོང་ཁམས་ཚན། བོད་མིའི་ཚོང་ལས་བདེ་ཚོགས། ལྷ་ངམ་ཕུན་གསུམ་གྱི་མི་མང་བཅས་ནས་བརྟན་བཞུགས་བརྟར་འབུལ་གྱི་མཛད་འཆར་བཞུགས་སོ། །

04/10/2023

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གཙོས་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།རྒྱུ། །

03/10/2023

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢ ཉིན་དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་གནང་རྒྱུ།

06/09/2023

དེ་ཡང་ལྷོ་ཨེ་ཤི་ཡའི་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༢༠༢༣ ཕྱི་ཟླ་༩ ཚེས་༦ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གཉིས་ཀྱི་བཀའ་ཆོས་སྔ་ལོར་གནང་ཟིན་གྱི་ལྷག་འཕྲོ་དེ་སྩལ་རྒྱུ།

05/09/2023

དེ་ཡང་ལྷོ་ཨེ་ཤི་ཡའི་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༢༠༢༣ ཕྱི་ཟླ་༩ ཚེས་༥ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གཉིས་ཀྱི་བཀའ་ཆོས་སྔ་ལོར་གནང་ཟིན་གྱི་ལྷག་འཕྲོ་དེ་སྩལ་རྒྱུ།

05/09/2023
24/07/2023

ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༢༠༢༣ ཕྱི་ཟླ་༧ ཚེས་༢༤ ཉིན་ཞི་བ་ཚལ་ཕོ་བྲང་གི་གསུང་ཆོས་ར་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། དེ་རྗེས་ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་ཚོགས་གཉིས་ནས་བསྟན་བཞུགས་བསྟར་འབུལ་ཞིག་དགྱེས་བཞེས་མཛད་རྒྱུ།

23/07/2023

ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༢༠༢༣ ཕྱི་ཟླ་༧ ཚེས་༢༢ ཉིན་ཞི་བ་ཚལ་ཕོ་བྲང་གི་གསུང་ཆོས་ར་བ་རུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ།

21/07/2023

ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༢༠༢༣ ཕྱི་ཟླ་༧ ཚེས་༢༡ ཉིན་ཞི་བ་ཚལ་ཕོ་བྲང་གི་གསུང་ཆོས་ར་བ་རུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ།

04/06/2023

༢༠༢༣ ཕྱི་ཟླ་༦ ཚེས་༤ དང་། ས་ག་ཟླ་བའི་ཚེས་༡༥ སྟེ། བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་བཟང་གི་དུས་ཆེན་ཁྱད་པར་ཅན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་པའི་བཀའ་ཁྲིད་དང་། སྨོན་སེམས་དམ་བཅའ་ཅན་གཟུང་རྒྱུ།

31/05/2023

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་དང་། བཀའ་ཆོས་སྐད་རིགས་ཁག་བཅོ་ལྔ་ལ་གསུང་བསྒྱུར་གྱིས་དྲ་ལམ་ཐད་གཏོང་ཞུ་རྒྱུ།

30/05/2023

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། བཀའ་ཆོས་འདི་བཞིན་སྐད་རིགས་ཁག་བཅོ་ལྔ་ལ་གསུང་བསྒྱུར་གྱིས་དྲ་ལམ་ཐད་གཏོང་ཞུ་རྒྱུ།

24/05/2023
13/05/2023

གསལ་བསྒྲགས།
༄༅། །ལ་དྭགས་ནང་ཚོགས་ཀྱི་ས་ཆ་ཡིན་པའི་ས་ཕུད་ནས་མ་ཧ་བྷོ་ཊི་དབར་གྱི་ས་སྟོང་པ་ཡོད་མཁན་རྣམས་ཐུགས་འདོད་ཡོད་མཁན་གྱི་ལ་དྭགས་མི་མང་སུ་ཞིག་གི་ཀར་ནལ་༢ རེ་གཡར་འདོད་ཡོད་ན། ལ་དྭགས་ནང་ཚོགས་ལས་ཁུངས་སུ་ཞིབ་ཕྲར་གནས་ཚུལ་གྱི་ཕྱིར་བསྐྱོད་པར་མཛད།

17/04/2023

༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་ལ་ངན་སེམས་ཀྱི་ཐོག་ཏུ་དྲིལ་བསྒྲགས་སྤེལ་བར་ངོ་རྒོལ།

Strong condemnation to the malicious propaganda against His Holiness the Dalai Lama.

14/04/2023

ཌོག་ཊར་ཨམ་བེད་ཀར་གྱི་འཁྲུངས་སྐར་༡༣༢ པ་སྲུང་བརྩི་ཞུ་སྐབས་སློབ་གྲྭ་ཁང་སོ་སོའི་སློབ་ཕྲུག་རྣམས་ཀྱི་ཁྲོམ་སྐོར་མཛད་པ།

08/03/2023

༢༠༢༣ ཕྱི་ཟླ་༣ ཚེས་༨ ཉིན་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཊར་དུ་ཡོད་པའི་དགའ་ལྡན་ཐེག་ཆེན་གླིང་དང་། དེ་བཞིན་བོད་རིགས་བླ་སྤྲུལ་ཁག་འགའ་ཞིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་བཀའ་དབང་གི་སྟ་གོན་བཀའ་དྲིན་སྩལ་རྒྱུ། བཀའ་དབང་ཞུ་མཁན་རྣམས་ནས་རྒྱུན་ལྡན་དུ་ཐུན་དྲུག་བླ་མའི་རྣལ་འབྱོར་ངེས་པར་གདོན་དགོས་པ་དང་། དེའི་སྟེང་རབ་གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་བདེ་མཆོག་གི་བདག་བསྐྱེད་དང་། དེ་མིན་མ་མཐར་དག་པ་གསུམ་གྱི་རྣལ་འབྱོར་ངེས་པར་གདོན་དགོས་པ་ཡིན།

Videos (show all)

༄༅། །བརྟན་བཞུགས་བསྟར་འབུལ།
༄༅། །དབུ་མའི་ལྡེ་མིག་གི་བཀའ་ཆོས། ཉིན་གཉིས་པ།
༄༅། །དབུ་མའི་ལྡེ་མིག་གི་བཀའ་ཆོས། ཉིན་དང་པོ།
༄༅། ། མགོན་པོའི་རྗེས་གནང་གི་བཀའ་ཆོས།
༄༅། །དགའ་ལྡན་ལྷ་བརྒྱ་མའི་བཀའ་ཆོས། ཉིན་གཉིས་པ།
དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ཉིན་དང་པོ།
༄༄།། སྟོད་པ་དང་པུ་ཧྲེང་མི་མང་ནས་བརྟན་བཞུགས་བསྟར་འབུལ།
༄༅། །བརྟན་བཞུགས་བསྟར་འབུལ།
སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།
༄༅། །ཐའེ་ཝན་གྱི་བཀའ་ཆོས།   ཉིན་དང་པོ།
༄༅། །ཐའེ་ཝན་གྱི་བཀའ་ཆོས།   ཉིན་དང་པོ།
༄༅། །དབུ་མ་འཇུག་པ་དང་དེའི་རང་འགྲེལ་གཉིས་ཀྱི་བཀའ་ཆོས། ཉིན་གཉིས་པ།

Website