BSRMS PRO 3rd

First batch of sowa rigpa 21-22 NEET qualified students of sowa rigpa department faculty located in Varanasi central institute.

21/02/2024

རིམ་པ་མཐའ་མ། རས་གཞི་འཇམ་མཉེན་དང་ལྡན་པ་ཡོང་ཆེད་བརྡར་བའི་མཐོང་སྣང་།

Photos from BSRMS  PRO 3rd's post 21/02/2024

ལྡེབས་རིས་སྟ་གོན་གྱི་རིམ་པ་གཉིས་པ། རས་གཞི་འདམ་པས་བྱུག་སྐམ་གྱི་ལས་རིམ་ལ་འཇུག་པའི་སྣང་བརྙན།

Second procedure of canvas building on track.

III

Photos from BSRMS  PRO 3rd's post 20/02/2024

གཏར་རྩ་དང་མེ་བཙའི་གསང་དམིགས་རྣམས་རི་མོའི་ལམ་ནས་ངོས་འཛིན་སླ་བར་དམིགས་ནས་ལྡེབས་རིས་འབྲི་འཆར་གྱིས་སྲོལ་རྒྱུན་ཐང་ཤིང་སྟ་གོན་གྱི་ལས་རིམ་ལ་འཇུག་བཞིན་པའི་བརྙན་པར།

Canvas preparation under progress for the demonstrational venesection and moxibustion points.

III

Photos from BSRMS  PRO 3rd's post 10/02/2024

གནམ་ལོ་ཤིང་ཕོ་འབྲུག་ལོའི་ལོ་གསར་ཉིན་དང་པོར་རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་གསོ་རིག་རྒྱུན་འཛིན་དམ་པ་རྣམ་གཉིས་དྲུང་དུ་འཚམས་འདྲི་ཞུ་སླད་བཅར་བ།

Photos from BSRMS  PRO 3rd's post 02/02/2024

དཔྱིད་དུས་འཆར་ལ་ཉེ་བའི་དུས་སློབ་གླིང་གི་མཐའ་འཁོར་དུ་ཡོད་པའི་སྔོ་སྨན་རྣམས་རིན་པོ་ཆེ་མཆོག་ནས་ངོས་འཛིན་གསལ་སྟོན་མཛད་གནང་བྱུང་།
Campus medicinal plant study session.

Photos from BSRMS  PRO 3rd's post 08/01/2024

ལོ་ངོ་གསུམ་པའི་ལས་གཞི་ཐོག་མ་འགོ་འཛུགས་པ།
Beginning of Pro III

Photos from BSRMS  PRO 3rd's post 19/09/2023

གཉའ་ཡི་མགོ་རུ་ཞེས་བྱ་བ་སྦྱོར་སྡེ་བཅུ་བཞི་ཙམ་ལས་གྲུབ་པའི་ཁྲག་གཅོད་པའི་བྱུག་སྨན་མཆོག

Anti bleeding Ointment.Stops bleeding and protects the wound!

Photos from BSRMS  PRO 3rd's post 19/08/2023

རང་ཅག་སློབ་མ་ཁག་གཅིག་གིས་ལྷག་བསམ་ཟོལ་མེད་རྣམ་དག་འབད་པ་ལྷུར་ལེན་ཐོག་སོ་སོའི་ཡོན་ཏན་སློབ་སའི་གནས་ལ་གཙིགས་ཆེར་བཟུང་ནས་དེ་རིང་སྨན་སྦྱོར་ཁང་གཙང་བཟོ་བགྱིས་པ་དགེ་གྱུར་ཅིག

As said: be a first-rate version of yourself, instead of a second-rate version of somebody else.

Volunteers cleaning over the pharmacy holding up with complete sincerity.

Photos from BSRMS  PRO 3rd's post 22/03/2023

དྲང་སྲོང་ཆེན་པོས། ལག་ཏུ་བླང་བའི་གཉེན་པོ་གསོ་དཔྱད་གཉིས།། སྨན་ལ་ཞི་སྦྱང་གཉིས་ཏེ་ཞི་བྱེད་ལ།། ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ་།། སྡེ་ཚན་ལྔ་ཞེས་སྤྱི་རུ་གྲགས་པ་ཡིན།། གསུངས་པ་དང་རྗེས་སུ་མཐུན་པར་ད་ཆ་དགེ་བའི་བཤེས་གཉེན་ཆེན་པོ་སློབ་དཔོན་དགྲ་འདུལ་ལགས་མཆོག་གི་ལམ་སྟོན་ཟབ་མོའི་འོག་ཞག་ལྔ་ཙམ་གྱི་རིང་སྨན་སྣ་བཟང་དྲུག་སོགས་ལས་གྲུབ་པའི་ལུས་ཟུངས་སྐྱེད་བྱེད་ཀྱི་འབའ་སམ་སྨན་མར་ཞེས་བྱ་བ་ལག་ལེན་ལེགས་གྲུབ་བྱུང་བའི་དགེ་མཐུས་འགྲོ་བ་ནད་མེད་ཚེ་རིང་དང་། ཚེ་གཡང་འབད་མེད་ལྷུན་གྲུབ་ཏུ་བཀུག་པའི་སྨོན་ལམ་གྱིས་མཚམས་སྦྱར་བའོ།།

Photos from BSRMS  PRO 3rd's post 13/03/2023

གླིང་གེ་སར་འདྲ་བའི་དཔའ་བོ་དང་།།
མ་འབྲུག་མོ་འདྲ་བའི་དཔའ་མོ་ལྷན།།

The people who are crazy enough to think they can change the world, are the ones who do.

Photos from BSRMS  PRO 3rd's post 21/02/2023

གནམ་ལོ་ཆུ་མོ་ཡོས་ལོ་གསར་དུ་བཞད་པར་ཀུན་ལ་ནད་མེད་ཚེ་རིང་དགའ་བ་འབུམ་གྱིས་བཀྲ་ཤིས་རྟེན་འབྲེལ་ཚེས་བཟང་བསུ། འཇིག་རྟེན་ཁམས་སུ་ལོ་ཕྱུགས་རྟག་ཏུ་ལེགས། ནད་མུག་འཁྲུག་རྩོད་ཞི་ཞིང་། བདེ་ཞིང་སྐྱིད་པའི་དཔལ་ལ་ལོངས་སུ་སྤྱོད་པའི་སྨོན་འདུན་གྲངས་མེད་ཞུ། བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།

Wish u all happy female water rabbit Tibetan losar with full of greetings.May this year bring u plenty & endless of prosperity with good health.

HAPPY LOSAR

20/02/2023

བརྙན་ཐུང་གི་ལམ་ནས་གསལ་བྱེད་ལྡེ་གུའི་ཕན་ཡོན་གླེང་བ།
Effect & benefit of the Gsal Byad Degu ( medicinal butter) through a short clip.

Photos from BSRMS  PRO 3rd's post 20/02/2023

ཇི་སྐད་དུ།
གང་ཞིག་སྨན་རྣམས་ཕྱེ་མར་བཏགས།།མངར་གསུམ་གདབ་ལ་སྐྱོ་མ་བྱ།། དེ་ནི་ལྡེ་གུ་ཞེས་བྱའོ།།

གསུངས་པ་དང་རྗེས་སུ་མཐུན་པར་ངེད་ཅག་རྣམས་ཀྱིས་སློབ་དཔོན་ཆེན་མོ་དགེ་བཤེས་དགྲ་འདུལ་མཆོག་གི་ལམ་སྟོན་ཟབ་མོའི་འོག་ཕྱི་རྒྱུད་ཞི་བྱེད་ལྡེ་གུའི་སྦྱོར་སྡེ་སྨན་སྣ་བདུན་ཙམ་གཙོ་བོར་བྱས་པའི་འཇིག་རྟེན་དང་ཐོག་སྣང་བའི་མིག་གི་དབང་པོ་གསལ་བར་བྱེད་པའི་སྨན་མཆོག་( གསལ་བྱེད་ལྡེ་གུ།) ལོ་མཇུག་དང་ལྷན་ཤིས་པའི་ངང་བཟོས་གྲུབ་པ་དགེ་ལེགས་སུ་གྱུར་ཅིག། སརྦམངྒལམ།

Under the super guidance of Dr Dorjee Damdul la.we have completed the medicinal butter ( Gsal Byad Degu) which promotes ones vision with eliminating your eyes related diseases.
We dedicate the virtue of this deed to the wellness of all beings. And we thank Dr. DD for investing his precious time for us during his busy schedule.,🙏🙏🙏🙏🙏

20/2/23

Photos from BSRMS  PRO 3rd's post 08/12/2022

ཡུད་ལོང་ཡལ་ཡལ་ནམ་མཁའི་མཐའ་རྫོགས་ཀྱང་།།
འམ་ཅག་དམུལ་དམུལ་དུས་ཀྱི་གཤེར་མི་སྐམ།།
ཉ་གང་ཟླ་བའི་གཟུགས་དང་སློབ་བུའི་དཔལ།།
དུས་ཀྱི་མུ་མཐའ་ལྷུང་བའི་དཔེ་མི་སྲིད།།

ཉི་ཟླ་གཟའ་ཡིས་བཟུང་བ་དེ།།
བླ་རྡེལ་ནག་པའི་རྟགས་མཚན་ཡིན།།
རང་རེ་མཐུན་རྡོག་ལེགས་གནས་དེ།།
དམ་ཚིག་གཙང་བའི་གྲུབ་འབྲས་ཡིན།།

Even though you're growing up, you should never stop having fun.There's no fear when you're having fun.because there is no other way of life

ཉེ་བའི་ལོ་འཁོར་ཡིག་རྒྱུགས་ཀྱི་བགྲོ་གླེང་སྐབས་ཅི་འཕྲོས་མུལ་འཕྲོས་ཀྱི་ཟུར་རྣམ།
Exam is near , so relieving stress by coming together. Togtherness therapy to calm ur stress level down!

Photos from BSRMS  PRO 3rd's post 18/11/2022

བསྟན་འཛིན་ཚེ་དབང་མཆོག་གསོ་རིག་སློབ་གཉེར་ལྷན་ཚོགས་ཀྱི་ཚོགས་མིའི་གྲས་སུ་བདམ་བཀོད་བྱུང་བར། ཚད་མེད་པའི་དགའ་བས་བསུ།
Congratulation T. Tsewang for being selected as a member of Sowa-rigpa students Council. (SSC)

Photos from BSRMS  PRO 3rd's post 04/11/2022

རྒྱུད་ནས་གསུངས་པའི་གསོ་རིག་སྨན་དང་སྦྱོར་ཐབས་ཀྱི་ལག་ལེན་ལ་བརྩོན་པའི་འུ་ཅག་རྣམས་ཀྱི་ཚོགས་རྒྱ་བསགས་པའི་རྣམ་སྨིན་གྱི་འབྲས་བུ་དེས་སེམས་ཅན་རྣམས་ནད་ཀྱི་རྒྱ་མཚོ་ལས་སྒྲོལ་ནས་མྱུར་དུ་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག།
Where the art of medicine is loved, there is also love for humanity.
Pharmaceutical process going on with super dedication.

Photos from BSRMS  PRO 3rd's post 12/10/2022

གསོ་རིག་དཔའ་བོ་དཔེ་མཛོད་ཁང་དུ་གཙང་བཟོའི་བྱ་བ་ལ་འཇུག་བཞིན་པ་དང་། དཔེ་དེབ་གསར་རྙིང་སོགས་འགྲིག་ཤོམ་བྱས་མཐར་གྱི་སྣང་བརྙན་སྤྱན་ལམ་དུ་ཕུལ་བ།

New look of our sowa rigpa pawo library section after completing entire arrangements.

12/10/22

Photos from BSRMS  PRO 3rd's post 01/10/2022

ལྟོས་ལྟོས་སྙིགས་དུས་ལས་ངན་སྲོག་གི་དཔོན་པོ།།
འཇོམས་འཇོམས་ནད་དུག་འཇོམས་པའི་མཐུ་ཡི་བདག་པོ།། སྲུང་སྲུང་ཉེ་རིང་ཀུན་བྲལ་སྲུང་བའི་མགོན་པོ།། བསྔགས་བསྔགས་སྨན་བླའི་སྐུ་སྤྲུལ་དྲུང་འཚོ་ཆེན་མོ།།

बेड पर लेते रहने से कोई Doctor नहीं
बनता उसके लिए दिलो जान से रात दिन
मेहनत करनी पड़ती है.जब तुम Doctor कार से चलोगे तो
तुम्हारी degree और marks
कोई नहीं पूछेगा लेकिन तुम्हारे दिमाग
और मेहनत की तारीफ सभी करेंगे.

Success can never be Achieved
With in a day
It is Achieved by
Everyday Small EffortsSets some goals

01/10/22

Photos from BSRMS  PRO 3rd's post 30/09/2022

དམ་ཚིག་མདུད་པས་བཅིངས་པའི་མཆེད་ཟླ་ལགས།། གང་དུ་ཕེབས་ཀྱང་བཟང་པོས་ལམ་སྣ་འདྲེན།། ནད་གདོན་བར་ཆད་སེལ་ཞིང་བསམ་དོན་འགྲུབ།། སླར་ཡང་མཇལ་བའི་སྨོན་ལམ་མཚམས་སྦྱར་རོ།།
एक काम का अंत और एक की शुरुआत है,
खुश रहो आप सदा अब गम की क्या बात है,
सीखा दिया है जीने की सलीका जाते जाते,
आप में ही बसती हमारी पूरी कायनात है।
क्या बताऊं खूबियां आपकी विदाई पर,
महकता था दिन आपके मुस्कुराने पर,
जहां भी रहो कामयाबी की मिशाल बनो,
लेकिन, अधूरा लगेगा हमें आपके जाने पर।

They make you realize what you’ve had, what you’ve lost, and what you’ve taken for granted.We laughed until we had to cry, we loved right down to the last, we were the best .No distance of place or lapse of time can lessen the friendship of those who are thoroughly persuaded of each other’s worth.

We wish Sangye Dolma, warm & a well physical recovery ahead with all the blessings. Will miss u all the way .

# # # 30/ 09 / 2022

Photos from BSRMS  PRO 3rd's post 16/09/2022

ཡུན་རིང་རྗེས་སུ་སྤུན་གྲོགས་གཉིས་ལྷན་དུ་འཛོམས་པ། དཔག་ཏུ་མེད་པའི་བརྩེ་བའི་ཁུར་གཅིག་ཕྲར་གཅིག་ཏུ་བཀལ་བ་མཐོང་དུས་དགའ་སྣང་དབང་མེད་དུ་ཤོར་བྱུང་།
Sometimes the longest journey we make is the sixteen inches from our heads to our hearts.Journey is a person in itself; no two are alike.

सफर पर निकलने से बनती हैं यादें,
ये यादें ही उम्र भर चलती हैं आपके साथ.

Photos from BSRMS  PRO 3rd's post 11/09/2022

འདྲི་གླེང་འགྲན་སྡུར་སྐབས་ཨང་རིམ་གཉིས་པ་སོན་པའི་གསོལ་རས།
2nd position holder during the rapid quiz competition.

Photos from BSRMS  PRO 3rd's post 11/09/2022

རྒྱལ་ཡོངས་གསོ་བ་རིག་པའི་ཉིན་མོར། རང་ལུས་གཅེས་སྐྱོང་། ཁ་ཟས་བསྟེན་ཚུལ། རྨི་ལམ་གྱི་གནས་ལུགས། ལུས་ནང་གི་དོན་སྣོད་ཀྱིས་བྱ་བ་བྱེད་ཚུལ་བཅས་བརྗོད་གཞི་ཁག་མི་འདྲ་བ་དུ་མའི་ཐོག་ངོ་སྤྲོད་རབ་དང་རིམ་པ་གནང་བཞིན་པ།

Briefing of various topics like: physiology, Maintaining diet, constitutional functions of our body , structure & cause of dream.

जब तुम Doctor कार से चलोगे तो
तुम्हारी degree और marks
कोई नहीं पूछेगा लेकिन तुम्हारे दिमाग
और मेहनत की तारीफ सभी करेंगे.

Photos from BSRMS  PRO 3rd's post 11/09/2022

སྤྱི་ལོ་༢༠༢༢ ཟླ་བ་༩ པའི་ཚེས་ ༡༡ གི་ཉིན་མོར། དཀའ་བཅུ་ལོ་ངོ་དང་པོའི་སྨན་སློབ་རྣམས་ཀྱིས་མཐོ་སློབ་ཀྱི་ངེས་སྟོན་པ་དང་རིགས་དྲུང་རྣམ་གཉིས་མདུན་དུ་སོ་སོའི་ལས་གཞི་དང་འབྲེལ་བའི་ཐོག་འགྲེལ་བརྗོད་གནང་བཞིན་པའི་མཐོང་སྣང་།

Students briefing on their projects in front of the V Chancellor & registrar of the institute on sowa rigpa day.

10/09/2022

རྒྱུད་ལས།

འདི་ནི་སྔགས་མེད་པ་ཡི་སྲུང་སྐུད་ཡིན། །
འཆི་བདག་བདུད་སྡེ་བཟློག་པའི་འཕྲུལ་འཁོར་ཡིན། །ནད་ཀྱི་དགྲ་དཔུང་འཇོམས་པའི་དཔའ་བོ་ཡིན། །འདུ་བ་འཕེལ་ཟད་སྙོམས་པའི་སྤྱི་པ་ཡིན། །དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཡིན། །ནད་ཀྱི་ཟུག་གཟེར་གཅོག་པའི་ཐོ་བ་ཡིན། །སྡུག་བསྔལ་འདམ་ནས་འདྲེན་པའི་ལྕགས་ཀྱུ་ཡིན། །
འཆི་བའི་སྲོག་སྐྱོབ་མི་འཇིགས་སྦྱིན་པ་ཡིན། །
འཆི་བ་སློང་བྱེད་བདུད་རྩི་བུམ་པ་ཡིན། །

གསུངས་པ་ལྟར། གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པ། གསོ་བ་རིག་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཇི་སྙེད་པ་ཀུན་གྱི་དྲིན་ཡིད་ལ་བསྐྱངས་ནས་གསོ་བ་རིག་པའི་ཉིན་མོ་དེར། རང་ཅག་རྗེས་སུ་འཛིན་པའི་སློབ་འབངས་རྣམས་ཀྱིས་དམ་པའི་ཕ་མཐར་བརྡོལ་བའི་ཕྲིན་ལས་ལ་གུས་བཏུད་ཞུ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ཟད་བར། དེ་སྲིད་གསོ་བ་རིག་པའི་བསྟན་པ་འདིས་དུས་ཀྱི་ཆར་ཆུ་དང་། འཆི་བ་གསོས་པའི་བདུད་རྩི་ལྟ་བུ་འགྲོ་བ་ཕན་བདེའི་རྒྱུར་གྱུར་བར་ཤོག།

11/09/22

Photos from BSRMS  PRO 3rd's post 10/09/2022

གསོ་བ་རིག་པའི་སློབ་མ་པདྨ་ལྷ་སྒྲོན་མིང་ཅན་པས། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གསོ་རིག་ཉིན་མོ་བརྩི་སྲུང་བྱ་བའི་སྔོན་འགྲོའི་སྟ་གོན་གྱི་རིམ་པ་ལ་འཇུག་པ། ལྷན་དུ་སྨན་པ་དབང་རྒྱལ་ལགས་འཛུམ་མུལ་གྱིས་བཞུགས་པའི་སྣང་བརྙན།

Only those who have learned the power of sincere and selfless contribution experience life's deepest joy: true fulfillment.

एक व्यक्ति का मन इस बात में होता है की वह क्या दे सकता है , इसमें नहीं की वह क्या पा सकता है

Photos from BSRMS  PRO 3rd's post 06/09/2022

དཀའ་བཅུ་ལོ་ངོ་དང་པོའི་སློབ་མ་རྣམས་སྨན་གྱི་ཐང་ཀའི་ཆེད་སྔོན་འགྲོའི་ལས་ལ་བརྩོན་བཞིན་པའི་ཡིད་དགའ་སེམས་ཀྱི་རོལ་སྟབས།

Hard work beats talent when talent doesn’t work hard.If your teacher, coach, or mentor believes you can do something, you’re more likely to do it..

क़िस्मत कितनी ही रोशन हो मेहनत की आग में जलना ज़रूरी है, मंज़िल कितनी ही पास हो कुछ क़दम चलना ज़रूरी है।

31/08/2022

སྤྱི་ལོ། 768 ལོར་ཀོང་པོ་སྨན་ལུང་ནས་སྨན་གྱི་སློབ་མ་སུམ་བརྒྱ་ཙམ་ ཐོན་པའི་སྐབས་སུ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སློབ་མ་ རྣམས་ལ་གདམས་པར། ཁྱེད་རྣམས་རང་འདོད་ཁོག་འགྲས་སེར་སྣ་ངན་ གཡོ་བོར་ལ་བྱང་ཆུབ་སེམས་ཀྱི་གཞི་བཟུང་། འགྲོ་བ་ནད་པའི་བྱ་བ་ དོན་དུ་གཉེར། མཐོ་འགྲོགས་དང་ཁེ་ཚོང་མ་བྱེད་པར་ངན་གློད་(ཉམ་ ཆུང་)མཐའ་ནས་ཁྱོངས། མི་ངོ་ཟས་ངོ་ལ་མ་ལྟ་བར་ནད་ལ་ཕན་པའི་ སྨན་དཔྱད་མཛོད། ཕྱོགས་ཆ་ཉེ་རིང་སྤོང་ལ་ཀུན་ལ་ཁྱབ་པའི་སྨན་པ་ མཛོད། བདག་བཟུང་གི་གནས་མ་བསྟེན་པར་རྒྱལ་ཁམས་ཕྱོགས་མེད་ འགྲིམ་ལ་ནད་པ་ཕྱོགས་མེད་ལྟོས། ཆེ་བཙུན་གྱི་བླ་སྨན་མ་བྱེད་པར།སྨན་དཔྱད་མཛོད། ཕྱོགས་ཆ་ཉེ་རིང་སྤོང་ལ་ཀུན་ལ་ཁྱབ་པའི་སྨན་པ་ མཛོད། བདག་བཟུང་གི་གནས་མ་བསྟེན་པར་རྒྱལ་ཁམས་ཕྱོགས་མེད་ འགྲིམ་ལ་ནད་པ་ཕྱོགས་མེད་ལྟོས། ཆེ་བཙུན་གྱི་བླ་སྨན་མ་བྱེད་པར། སྤྲང་ལོང་བརྩེ་བས་སྐྱོང་། ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་ གསུམ་ལྟོ་ལ་བསྟེན། རྟ་དྲེལ་གཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས། མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད། སྒོ་གསུམ་ཆོས་ ལ་འབད་ལ་ཕྱི་མའི་ལམ་སྣ་བཟུངས། གསུངས་ནས་སློབ་མ་བརྒྱ་ཙམ་མ་གཏོགས་གཞན་རྣམས་རང་རང་གི་གནས་སུ་སློག་གོ །ཞེས་རྣམ་ཐར་བཀའ་བརྒྱ་མ་ལས་གསལ།

Want your school to be the top-listed School/college in Varanasi?
Click here to claim your Sponsored Listing.

Videos (show all)

བརྙན་ཐུང་གི་ལམ་ནས་གསལ་བྱེད་ལྡེ་གུའི་ཕན་ཡོན་གླེང་བ།Effect & benefit of the Gsal Byad Degu ( medicinal butter) through a s...
Y not we ! Of course should ... Trend hai yaar!
རྒྱུད་ལས།འདི་ནི་སྔགས་མེད་པ་ཡི་སྲུང་སྐུད་ཡིན། །འཆི་བདག་བདུད་སྡེ་བཟློག་པའི་འཕྲུལ་འཁོར་ཡིན། །ནད་ཀྱི་དགྲ་དཔུང་འཇོམས་པའི་དཔའ་...

Telephone

Website

Address

Central Institute Of Higher Tibetan Studies, Sarnath
Varanasi
221007

Other Education Websites in Varanasi (show all)
Shri Satyam Vidya mandir Shri Satyam Vidya mandir
Durga Mandir/Panchavati Road , Kutuloopur Ramnagar
Varanasi

Success wire Success wire
Varanasi

motivation

STUDY WITH GURUJi 07 STUDY WITH GURUJi 07
Banaras
Varanasi, 221002

ONE DAY EXAM PREPARATION

ZEE MasterJi ZEE MasterJi
BHU
Varanasi

This is an Educational page . Where you will get a unique content.

Prabhu UPP Prabhu UPP
Varanasi
Varanasi, 221007

Here you will be given all the important information related to government jobs.

Antica Maritime Merchant Navy Antica Maritime Merchant Navy
Ahmedabad , Varanasi , Rajsthan, Noyada, Kolkata, Mumbai
Varanasi, NEWRTOVASTRALAHEMDABADGUJARAT

Antica Maritime provides all your needs around the Sea World & WSM leading We provide Officers, Engi

B.C.A classes B.C.A classes
Varanasi, 221002

BHU TAMIL BHU TAMIL
Tamil Section, Department Of Indian Languages, Faculty Of Arts, Banaras Hindu University
Varanasi, 221005

TVA Junction TVA Junction
Lanka
Varanasi, 221005

piyush kr pandey piyush kr pandey
Varanasi

pls follow me for btc and bed educational knowledge and updates

संस्कृता वाच् Saṃskṛtā Vāc Dr. Lekhmani Tripathi संस्कृता वाच् Saṃskṛtā Vāc Dr. Lekhmani Tripathi
Varanasi

संस्कृता वाच् Saṃskṛtā Vāc Aacharya Dr. Lekhmani Tripathi. Traditional sanskrit education

Vikalp Educare Vikalp Educare
C. L. EVERGREEN MEMORIAL SCHOOL, KANDAWA, KHAIRA Road, CHITAIPUR, VARANASI
Varanasi, 221005

Premier Institute for Academic and Entrance Examination